࿐གུས་པར་འོས་པའི་བོད་སྐད་ཡིག་རྒན་ལགས་རྣམ་པ་སྐུ་ཁམས་བཟང་། ད་ཐེངས་ཀྱི་འདྲི་ཤོག་འདིའི་དམིགས་ཡུལ་ནི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཐད་ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱ་ཚུལ་དང་། ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཁྲོད་འཕྲད་པའི་དཀའ་ངལ། མ་འོངས་ལེགས་བཅོས་སུ་གཏོང་རྒྱུའི་ཐབས་ལམ་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བརྟག་ཞིབ་བྱས་ཏེ་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཆ་འཕྲིན་ཅན་གྱི་ལག་ལེན་ཞིབ་འཇུག་ཐད་དོན་དངོས་དང་ནུས་ལྡན་གྱི་བརྟག་ཞིབ་གྲངས་གཞི་མཁོ་འདོན་བྱ་རྒྱུ་ཡིན་པས་འགྲིག་ནོར་གྱི་ཚད་བཀག་མེད། རང་ངོས་ཀྱི་རྒྱུན་ལྡན་སློབ་ཁྲིད་དོན་དངོས་ལ་གཞིགས་ནས་ལན་ཇི་བཞིན་འདེབས་རོགས་གནང་། སྐུ་ཉིད་ནས་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་བཀའ་དྲིན་ཆེ་ལན་བརྒྱར་ཞུའོ། །
གསུམ་པ། དགོངས་འཆར་བསྡུ་ལེན།
༡༩ ཁྱེད་ཀྱི་སློབ་ཁྲིད་དོན་དངོས་ལ་གཞིགས་ནས་མིག་སྔར་བོད་སྐད་ཡིག་སློབ་ཁྲིད་ཆ་འཕྲིན་ཅན་དུ་འགྱུར་རྒྱུར་མི་འདང་ས་ད་དུང་གཞན་གང་ཡོད། མདོར་བསྡུས་ཤིག་ཕྲིས་དང་།
༢༠ བོད་སྐད་ཡིག་སློབ་ཁྲིད་དེ་བས་ཆ་འཕྲིན་ཅན་དང་། སྤུས་ཚད་ཇེ་མཐོར་འགྲོ་རྒྱུར་སྐུ་ཉིད་ཀྱི་དགོངས་འཆར་ལྷུག་སྩོལ་གནང་རོགས་མཁྱེན།