རྡོ་དམར་ཤང་སློབ་ཆུང་སློབ་མའི་ཟ་ཁང་གི་བཟའ་བཅའི་སྤུས་ཚད་ཡིད་ཚིམ་ཚད་བརྟག་དཔྱད་འདྲི་ཤོག

གུས་ཤིང་བརྩེ་བའི་ཁྱིམ་བདག་རྣམ་པ།
      ཁམས་བཟང་། ཁྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་གྲྭའི་སློབ་ཕྲུག་ཟ་ཁང་གི་བཟའ་བཅའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་སློབ་མར་དེ་བས་སྤུས་ལེགས་དང་། འཚོ་བཅུད་བདེ་ཐང་བཅས་ཀྱི་བཟའ་བཅའི་ཞབས་ཞུ་མཁོ་འདོན་བྱ་ཆེད། ང་ཚོས་ད་ཐེངས་ཀྱི་འདྲི་ཤོག་བརྟག་དཔྱད་དེ་སྤེལ་ཡོད། ཁྱེད་རང་གིས་གཟབ་ནན་ངང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་འབྲི་རོགས་གནང་། ཐུགས་རྗེ་ཆེ།
1•ཁྱེད་རང་གི་ཕྲུ་གུའི་ལོ་རིམ།
2•ཁྱེད་རང་གི་བལྟས་ན་སློབ་གྲྭའི་ཟ་ཁང་གི་ཟ་མའི་བྲོ་བ་ཅི་འདྲ་འདུག
3.ཁྱེད་རང་གི་བལྟས་ན་སློབ་མའི་ཟ་མའི་སོས་ཚད་ཅི་འདྲ་རེད་འདུག

4.ལྟོ་དུས་གསུམ་གྱི་འཚོ་བཅུད་སྡེབ་སྟངས་ཅི་འདྲ་འདུག

5•ཟ་མ་ཡི་ཚྭ་དང་ཞག་ཚི་མང་ཉུང་འོས་འཚམ་ཡིན་ནམ། 
6•ཁྱེད་ཀྱི་ཕྲུ་གུ་སློབ་གྲྭའི་ནང་གྲོད་པ་རྒྱགས་ཀྱི་འདུག་གམ།

7•ཟ་ཁང་གི་ཁོར་ཡུག་དང་ཟ་ཆས་ཀྱི་གཙང་སྦྲ་འཕྲོད་བསྟེན་ཅི་འདྲ་འདུག
8•མ་བྱན་ལས་བཟོའི་རྣམ་འགྱུར་དང་མི་སྒེར་གཙང་སྦྲ་ཅི་འདྲ་འདུག
9.སློབ་གྲྭས་ཟས་རིགས་སྤུས་ཚད་དང་ཟས་རིགས་བདེ་འཇགས་ལ་མཐོང་ཆེན་བྱེད་ཀྱི་འདུག་གམ།
10.སློབ་མའི་འཚོ་བཅུད་བཅོས་ལེགས་སྐོར་རྒྱུས་མངའ་ཡོད་དམ། 
11.སློབ་མའི་འགན་གསུམ་རོགས་དངུལ་མཐོར་གདེགས་སྐོར་རྒྱུས་ལོན་ཡོད་དམ། 
12.འགྲོ་གྲོན་ཡོངས་བསྒྲགས་རེའུ་མིག་སྟེང་ནས་ཟླ་རེའི་འགན་གསུམ་འགྲོ་གྲོན་དང་འཚོ་བཅུད་འགྲོ་གྲོན་སྐོར་ལ་རྒྱུས་ལོན་ཡོད་དམ། 
ཁྱེད་ཀྱིས་སློབ་གྲྭའི་བཟའ་ཆའི་སྤུས་ཚད་དང་གཙང་སྦྲ་འཕྲོད་བསྟེན་སོགསལ་བསམ་འཆར་དང་རེ་བ་ཅི་འདྲ་ཡོད།
ཁྱེད་ཀྱིས་ཁོོོམ་པ་སྤྱད་ནས་འདྲི་ལན་འདེབས་པར་བཀའ་དྲིན་ཆེ་ཞུའོ།
更多问卷 复制此问卷